ལས་གཞི་ཧྲིལ་པོ།
༡ ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་།
༢ ཨེམཱོ་རིས་དང་བོད་ཀྱི་ཚན་རིག་ལས་གཞི། བོད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་སློབ་གསོའི་ལམ་ལུགས་དེ་ཉིད་དང་མཉམ་དུ་གཏན་འཇགས་ཀྱི་ཚན་རིག་སློབ་ཚན་གོ་བདེ་ཞིག་བསྐྲུན་རྒྱུར་ལས་གཞི་ལག་བསྟར་བྱེད་བཞིན་ཡོད།
༣ བོད་ཀྱི་ཚན་རིག་དུས་དེབ། དེང་རབས་ཚན་རིག་གི་རིག་གནས་མ་ལག་བོད་སྒྱུར་དང༌། ནང་པའི་མཁས་དབང་དང་རྩོམ་པ་རྣམ་པས་བརྩམས་པའི་ཚན་རིག་དང་འབྲེལ་བའི་དཔྱད་རྩོམ་འགོད་འགྲེམས་ཀྱིས་ཚན་རིག་གི་གོ་རྟོགས་སྤེལ་བར་གཞོགས་འདེགས་བྱེད་བཞིན་པའི་ལོ་ཕྱེད་དུས་དེབ་ཅིག་ཡིན།
༤ ཚན་རིག་ཚགས་པར། གཞི་རྒྱ་ཆེ་བའི་ཚན་རིག་དང་འབྲེལ་བའི་རྩོམ་ཐུང་དང་དུས་དང་སྐབས་སོ་སོའི་ཚན་རིག་གི་གསར་འགྱུར་སྣ་ཚོགས་བོད་བསྒྱུར་གྱིས་སྤེལ་བཞིན་པའི་དུས་ཚིགས་བོད་ཡིག་ཚགས་པར་ཞིག་ཡིན།
༦ ཡིག་སྒྱུར། ཆེད་ལས་མཁས་པ་ཁག་གི་བརྩམས་ཆོས་དང༌། རྩོམ་ཡིག དེ་བཞིན་གློག་བརྙན་བཅས་བོད་སྒྱུར་བྱེད་བཞིན་ཡོད།