མཉམ་ལས་ཀྱི་བྱེད་སྒོ།
བོད་ནི་དུས་ཡིན་རིང་པོའི་ལོ་རྒྱུས་ཁྲོད་དུ་ཕྱིའི་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་མེད་དུ་གནས་ཤིང་། ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ལ་གཅིག་ཏུ་ཕྱོགས་པའི་མི་རིགས་ཤིག་ཡིན་པ་ལྟར། འཛམ་གླིང་སྤྱིའི་འཚོ་བའི་ཁ་ཕྱོགས་དང་བསྡུར་ན་ཅུང་བར་ཐག་རིང་པོ་ཡིན་ལ། དེང་རབས་ཚན་རིག་གི་ཕྱོགས་ནས་བཤད་ན་དེ་བས་ཀྱང་རྒྱང་ཐག་རིང་ཙམ་ཡིན། བོད་སྤྱི་ཚོགས་ཁྲོད་དང་ནང་སྒོས་སུ་བོད་ཀྱི་དགོན་སྡེ་ཁག་ཏུ་དེང་རབས་ཚན་རིག་སློབ་གསོ་སྤེལ་རྒྱུ་དེ་སླ་བའི་ལས་ཤིག་མིན། དེ་བས་ཀྱང་ང་ཚོར་ཚན་རིག་ཐོག་སྦྱངས་པ་མཐར་ཕྱིན་པའི་ཚན་རིག་དགེ་རྒན་ཧ་ཅང་དཀོན་པ་དང་། ཚན་རིག་སློབ་ཁྲིད་བྱ་བར་མཁོ་བའི་ཡོ་ཆས་ཀྱང་ཆ་ཚང་བ་ཞིག་མེད། དེར་བརྟེན། དེང་རབས་ཚན་རིག་དཔལ་ཡོན་ཕྱོགས་ནས་སྔོན་ཐོན་ཡིན་པའི་ཚོགས་སྡེ་ཁག་གཞན་དང་མཉམ་འབྲེལ་བྱ་རྒྱུ་ནི་ལས་གཞི་འདི་མཐིལ་ཕྱིན་པ་ཞིག་འཁྱོངས་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། ང་ཚོའི་ལས་གཞི་འདིར་གཙོ་བོ་ནུབ་ཕྱོགས་མཐོ་རིམ་སློབ་གཉེར་ཁང་ཁག་དང་། ཤེས་ཡོན་དང་འབྲེལ་བའི་ཚོགས་སྡེ་གཞན་དང་མཉམ་འབྲེལ་གྱིས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་། ཤེས་ཡོན་བརྗེ་རེས་བཅས་བྱེད་ཀྱིན་ཡོད། །